བདུད་འདུལ་རབ་བརྟན་གླིང་དགོན་པ། ཨོ་ཌི་ཤ

༈ ཟངས་མདོག་དཔལ་རིའི་ཕོ་བྲང་ཆེན་མོ།

Zangdok
Palri

༈ ཟངས་མདོག་དཔལ་རིའི་ཕོ་བྲང་ཆེན་མོ།

ཨོ་ཌི་ཤའི་ས་གཞི་ལས་བརྡོལ་བའི་དཀྱིལ་འཁོར་གསོན་པོ་དང་། སློབ་དཔོན་གུ་རུ་པདྨ་འབྱུང་གནས་ཀྱི་དག་ཞིང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་དགོངས་བཞེད་རླབས་ཆེན་བསྒྲུབ་པའི་ཕྱིར་དུ་བཞེངས་སོ།

དབུ་འཛིན་མཆོག་གི་གསུང་འཕྲིན།

དབུ་འབྱེད་རབ་གནས་མཛད་སྒོ།ཕྱི་ལོ་ ༢༠༢༨ ཟླ་ ༣ ཚེས་ ༦

—ཉིན།
—ཆུ་ཚོད།
—སྐར་མ།
—སྐར་ཆ།

དམུགས་ཡུལ་དང་འཆར་སྣང་།

ང་ཚོས་མཉམ་དུ་དགོན་པ་ཞིག་བཞེངས་པ་ཙམ་མ་ཡིན་པར། དགོངས་གཞི་དམ་པ་ཞིག་མངོན་དུ་འགྱུར་བ་དང་། འཇིག་རྟེན་འདིར་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་སྒོ་མོ་འབྱེད་བཞིན་ཡོད།

ཟངས་མདོག་དཔལ་རི་ནི་བོད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྤེལ་མཁན་གྱི་སློབ་དཔོན་གུ་རུ་པདྨ་འབྱུང་གནས་ཀྱི་ཞིང་ཁམས་ཡིན།

ཟངས་མདོག་དཔལ་རིའི་ལས་འཆར་དང་དགོན་པ་ནི་ཕྱིའི་རྣམ་པ་ཙམ་མ་ཡིན་པར་ས་སྟེང་འདིར་གུ་རུ་རིན་པོ་ཆེའི་རྣམ་སྤྲུལ་རིམ་བྱོན་གྱི་གནས་བྱིན་རླབས་ཅན་ཞིག་ཡིན། དཀྱིལ་འཁོར་འདི་ནི་བདུད་འཇོམས་གཏེར་གསར་གྱི་རྒྱུད་པའི་ཕྱག་ལེན་གཙོ་པོ་ཡིན་ལ་ཆོས་ལུགས་དད་མོས་དང་སྲུང་སྐྱོབ། འགྲོ་བ་སེམས་ཅན་ཐམས་ཅད་ཀུན་ལ་ཕན་ཐོགས་རྒྱ་ཆེར་ཡོད།

མི་ཚེའི་ནང་ཐེངས་གཅིག་ལས་དཀོན་པའི་ལས་གཞི་འདིས་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ཆོས་གྲོགས་རྣམས་ལ་དཔལ་རྙིང་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ཉམས་རྒྱུད་འཛིན་དང་། བསྟན་པ་ཡང་ནས་ཡང་དུ་དར་བའི་གནས་བྱིན་ཅན་ཞིག་ཏུ་བསྐྲུན་པར་རོགས་འདེགས་གནང་གི་ཡོད། དད་ལྡན་རྣམས་ཀྱི་མཆོད་འབུལ་དང་ཐུགས་སྨོན་གསོལ་འདེབས་ཀྱིས་གནས་མཆོག་ཟངས་མདོག་དཔལ་རི་འདི་ནད་རིགས་འཇོམས་ཤིང་། བྱིན་རླབས་ཆེ་བ། ཆོས་ཀྱི་བྱེད་སྒོ་སྤེལ་སའམ་ཚངས་རྒྱ་བའི་གནས་བྱིན་ཅན་ཞིག་ཏུ་འགྱུར་ངེས།

ཟངས་མདོག་དཔལ་རི་ནི་རྒྱ་གར་ཨུ་ཊི་སར་རྟེན་གཞི་བྱས་པའི་བདུད་འདུལ་རབ་བརྟན་གླིང་དགོན་པར་གནས་ཤིང་། ༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེས་དབུ་འཛུགས་གནང་ལ་དེང་སྐབས་བླ་མ་བསོད་ནམས་བཀྲ་ཤིས་རིན་པོ་ཆེས་གཟིགས་རྟོག་གནང་བཞིན་ཡོད།

ཟངས་མདོག་དཔལ་རི་ནི་འཛམ་གླིང་ཡོངས་ཀྱི་རྙིང་མ་དང་། བདུད་འཇོམས་གཏེར་གསར། དེ་བཞིན་རྒྱལ་སྤྱིའི་དགེ་འདུན་གྱི་སྡེ་ཡི། ཆོས་ཀྱི་བསྟི་གནས་གལ་ཆེན་ཤིག་ཏུ་གམིགས་ནས་བཞེངས་བ་ཞིག་ཡིན།

ཕྱི་ལོ་ ༢༠༡༦ ལོར་ལས་གཞི་འདིའི་བཟོ་བཀོད་དང་བཟོ་རིག་གི་ལས་ཀ་དབུ་བཙུགས་ཤིང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༣ པར་ས་ཆོག་མཛད་པ་ནས་བཟུང་། ས་གནས་ཁུག་ཅོག་ཡིན་པ་དང་བཟོ་བཀོད་ཧ་ཅང་གི་ཞིབ་ཚགས་ཡིན་པའི་རྐྱེན་གྱིས་དཀའ་ངལ་མང་པོ་ཞིག་ཁྱད་དུ་བསད་ཡོད། ད་ལྟའི་ཆར་རྨང་གཞི་དང་ཕྱིའི་བཟོ་བསྐྲུན་ལེགས་པར་འགྲུབ་སྟེ་བརྒྱ་ཆ་ ༨༠ ལྷག་ཟིན་ཡོད། རིམ་པ་རྗེས་མ་ནི་གཙོ་བོ་རྩ་ཆེའི་བཟོ་རིག་སྒྱུ་རྩལ་དང་ལྷ་ཁང་ནང་གི་ཞིབ་ཕྲའི་བཟོ་བཀོད་ལ་དམིགས་ཡོད། ཁྱེད་ཀྱི་རོགས་སྐྱོར་ལ་བརྟེན་ནས་ཕྱི་ལོ་ ༢༠༢༨ ལོར་བཟོ་བསྐྲུན་ཡོངས་སུ་ལེགས་འགྲུབ་ངེས་ལ། ཆོས་ཞུ་བ་དང་གནས་མཇལ་བ་རྣམས་ལ་ལྷ་ཁང་གི་སྒོ་འབྱེད་ངེས་ཡིན་ནོ།

ལོ་རྒྱུས་དང་བརྒྱུད་པའི་སྐོར་ཞིབ་ཏུ་གཟིགས།▶
ས་གནས།
རྒྱ་གར་ཨོ་ཌི་ཤ་བདུད་འདུལ་རབ་བརྟན་གླིང་དགོན་པ།
ཕྱག་འདེབས་པོ།
སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག
གཙོ་འཛིན།
བླ་མ་བསོད་ནམས་བཀྲ་ཤིས་རིན་པོ་ཆེ་མཆོག
ཆོས་བརྒྱུད།
སྔ་འགྱུར་རྙིང་མ་ — བདུད་འཇོམས་གཏེར་གསར།
རྨང་གཞི་བཏིང་དུས།
ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣
རབ་གནས་མཛད་དུས།
ཕྱི་ལོ་ ༢༠༢༨ ཟླ་ ༣ ཚེས་ ༦
ཞབས་འདེགས་ཞུ་ཡུལ།
འཛམ་གླིང་ཡོངས་ཀྱི་རྙིང་མ་དང་། བདུད་འཇོམས་གཏེར་གསར། གཅོད་ཉམས་ལེན་པ།

ང་ཚོའི་དཀྱིལ་འཁོར་འགྲུབ་ལ་ཉེ།

དགོངས་གཞི་རླབས་ཆེན་ཞིག་ནས་ཡོངས་སུ་ལེགས་འགྲུབ་ཀྱི་པར།

རིམ་པ་རེ་རེ་ལེགས་པར་གྲུབ་པ་དང་ལྷན། དཀྱིལ་འཁོར་འདི་ཉིད་ཡོངས་སུ་འགྲུབ་ལ་ཉེ། འདིས་ཆོས་རྒྱུད་བར་མཐུན་སྒྲིལ་དང་། ཟངས་མདོག་དཔལ་རི་དངོས་སུ་མངོན་འགྱུར་བྱུང་བར་ཀུན་གྱིས་མཉམ་རུབ་གནང་བའི་ཐུན་མོད་གི་འབད་བརྩོན་མཚོན་གྱི་ཡོད།།

  • 2017ས་གཞི་སྒོ་འབྱེད་དང་བྱིན་རླབས།ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣ ཉིན་ཐོག་མའི་སྨོན་ལམ་ཚོགས་ཞིང་། བཟོ་སྐྲུན་འཆར་འགོད་པས་ས་ཐིག་བཏབ།
  • 2018–21རྨང་གཞི།ཐོག་མའི་སྦྱིན་བདག་རྣམས་ཀྱི་ལྷག་བསམ་གཏོང་ཕོད་ལ་བརྟེན་ནས་རྨང་གཞི་བཏིང་།
  • 2022–24ཕྱིའི་བཟོ་སྐྲུན་དང་ལོངས་སྐུའི་ཐོག་ཁེབས།ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༦ ཉིན་ཐོག་ཁེབས་བཞེངས་གྲུབ། ཐོག་བརྩེགས་གསུམ་པོ་ལེགས་པར་ཡར་འགྲེང་ཡོད།
  • 2025–26ཚོན་རྩི་དང་། ལྡེབས་བྲིས། རྩ་ཆེའི་སྐུ་རྟེན་དགལྷ་ཁང་ཕྱིའི་ཚོན་རྩི་དང་། ནང་གི་ཚོན་གཏོང་། གློག་ལས། མཆོད་ཆས་སོགས་བཞེང་བཞིན་ཡོད།
  • 2026–27སྐྱེད་མོས་ཚལ་དང་དབེན་གནས།དགེ་འདུན་པ་རྣམས་ཀྱི་ཐོས་བསམ་དང་། སྒོམ་སྒྲུབ། མ་འོངས་པའི་མཚམས་སྒྲུབ་ཀྱི་ཆེད་དུ་རྩི་ཤིང་འདེབས་འཛུགས།
  • 2028རབ་གནས་མཛད་སྒོ།འཛམ་གླིང་ཡོངས་ཀྱི་ཆོས་གྲོགས་རྣམས་པ་ལྷན་བཞུགས་ཐོག་རབ་གནས་རྟེན་འབྲེལ་གྱི་དགའ་སྟོན་དང་། བསྔོ་སྨོན་མཆོད་འབུལ་སོགས་གནང་རྒྱུ།

མཆོད་འབུལ།

ཁ་དོག་གི་མཆོད་པ།མར་མེའི་མཆོད་པ།དགེ་སྒྲུབ།

ལྷ་ཁང་གི་བཟོ་བཀོད་ལེགས་པར་འགྲེང་ཡོད་ལ། ད་ལྟ་གཙོ་བོ་དགོས་པ་ནི་ཚོན་རྩི་དང་། གསེར། སྐུ་བརྙན། རྩི་ཤིང་མེ་ཏོག མ་འོངས་པར་སྒོ་འབྱེད་སྐབས་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་གྱི་ཕྱག་རོགས་རྣམས་ཡིན། ཁྱེད་ཀྱིས་དཀྱིལ་འཁོར་ལེགས་འགྲུབ་ཀྱི་ཆ་ཤས་གང་ཞིག་ལ་རོགས་སྐྱོར་གནང་འདོད་པ་འདེམས་རོགས་ཞུ།

མཐའ་མའི་བཟོ་བསྐྲུན་ལེགས་འགྲུབ་ཆེད་རོགས་སྐྱོར་གནང་རྒྱུ།

མཐའ་མའི་བཟོ་བསྐྲུན་ཀྱི་ནང་ཕྱིའི་ཚོན་རྩི་དང་། ནང་གི་རྩ་ཆེའི་ལྡེབས་རིས་སྐུ་རྟེན་སོགས། དེ་བཞིན་སྒོམ་སྒྲུབ་ཉམས་ལེན་དང་ལྷིང་འཇགས་ཀྱི་སྐྱེད་མོས་ཚལ་དང་ཕྱིའི་ཁོར་ཡུག་བསྐྲུན་རྒྱུ་བཅས་ཡིན།

ཞལ་འདེབས་ཆེ་ཆུང་གང་འདྲ་ཞིག་ཕུལ་ནའང་། གནས་བྱིན་ཅན་འདི་ཉིད་ཡོངས་སུ་ལེགས་འགྲུབ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད།

མཆོད་འབུལ་ཞིག་གནང་རོགས།

ཟླ་རེའི་མར་མེ་མཆོད་འབུལ་ལ་མཉམ་ཞུགས་གནང་རོགས།

ཟླ་རེའི་གུ་རུ་ཚེས་བཅུའི་མར་མེ་མཆོད་འབུལ་ལ་མཉམ་ཞུགས་གནང་རོགས། ཁྱེད་ཀྱིས་ཕུལ་བའི་མཆོད་མེ་རྣམས་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུང་བའི་སྐབས་དང་ཡང་ན་ཟླ་རེའི་གཟུངས་སྔགས་བསོག་པའི་སྐབས་སུ་འབུལ་རྒྱུ། སྐྱེ་འགྲོ་སེམས་ཅན་ཡོངས་ཀྱི་ཆེད་དུ་བསྔོ་བ་དང་དེ་བཞིན་ཁྱེད་ཀྱིས་སྒེར་གྱི་མཚན་དང་མཆོད་འབུལ་གང་གི་ཆེད་ཡིན་པ་སོགས་བཀོད་ཆོག

མཆོད་འབུལ་ཞིག་གནང་རོགས།

སྐུ་འདྲ་ལ་སྦྱིན་བདག་གནང་བ།

རྩ་ཆེའི་སྐུ་རྟེན་རེ་རེས་བྱང་ཆུབ་ཀྱི་ཡོན་ཏན་རེ་རེ་མཚོན་ཞིང་། ཟངས་མདོག་དཔལ་རིའི་དཀྱིལ་འཁོར་གྱི་ཆ་ཤས་ཤིག་ཏུ་འགྱུར་གྱི་ཡོད། ཁྱེད་ཀྱིས་སྐུ་རྟེན་ལ་སྦྱིན་བདག་གནང་བ་དེས་ལྷ་ཁང་འདི་ལེགས་པར་འགྲུབ་པའི་རོགས་འདེགས་དང་།དེ་བཞིན་སྐྱེ་འགྲོ་སེམས་ཅན་ཐམས་ཅད་བདེ་འགྲོར་སྐྱེ་བ་དང་དམ་པའི་ཆོས་དར་ཞིང་རྒྱས་པའི་བསྔོ་སྨོན་རུ་འགྲོ་ངེས།

མཆོད་འབུལ་ཞིག་གནང་རོགས།

མཛད་སྒོར་སྦྱིན་བདག་གནང་བ།

ཕྱི་ལོ་ ༢༠༢༨ ལོའི་ཟླ་ ༣ པའི་ནང་གི་རབ་གནས་མཛད་སྒོ་དངོས་ལ་རྒྱབ་སྐྱོར་གནང་རྒྱུ་སྟེ། མཛད་སྒོ། མཆོད་རྫས། དེ་བཞིན་དགེ་འདུན་པ་དང་མཇལ་སྐོར་བ་རྣམས་ལ་བསྙེན་བཀུར་བཅས་ཡིན།

མཆོད་འབུལ་ཞིག་གནང་རོགས།

ཐོག་བརྩེགས་གསུམ།

སངས་རྒྱས་ཀྱི་
སྐུ་གསུམ།

Zangdok Palri ནི་ཐོག་བརྩེགས་དམ་པ་གསུམ་དུ་མཐོ་རུ་བཞེངས་ཡོད་ལ། ཐོག་རེ་རེས་སངས་རྒྱས་ཀྱི་སྐུ་གསུམ་སྟེ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ་རྣམས་ལས་རེ་རེ་མཚོན།

དེའི་བཟོ་བཀོད་ཉིད་ཆོས་ཀྱི་བསྟན་པ་ཞིག་ཡིན། ལྷ་ཁང་གི་ནང་ཡར་འཛེག་པ་ན། འཇིག་རྟེན་དུ་སྣང་བའི་སངས་རྒྱས་ཀྱི་སྐུ་ནས། འོད་གསལ་དག་སྣང་གི་སྣང་བ་དང་། མཐར་གཟུགས་ལས་འདས་པའི་མཐར་ཐུག་གི་རང་བཞིན་དུ་བགྲོད།

༣ཐོག

ཆོས་སྐུ། — ཆོས་ཉིད་ཀྱི་སྐུ།

ཐོག་མཐོ་ཤོས་ཀྱིས་ཆོས་སྐུ་སྟེ། བྱང་ཆུབ་ཀྱི་མཐར་ཐུག་གི་རང་བཞིན་མཚོན། དེ་ནི་གཟུགས་དང་ཁ་དོག ཁྱད་པར། རྣམ་རྟོག་གི་མཐའ་མཚམས་ལས་འདས་པ་ཡིན།

དེ་ནི་སངས་རྒྱས་ཀྱི་སྣང་བ་ཐམས་ཅད་འཆར་བའི་འབྱུང་ཁུངས་ཡིན་ཞིང་། སེམས་ཀྱི་རང་བཞིན་མཐའ་ཡས་ཤིང་འདུས་མ་བྱས་པ་ལ་ངོ་སྤྲོད།

འོད་དཔག་མེད།སྣང་བ་མཐའ་ཡས།
༢ཐོག

ལོངས་སྐུ། — ལོངས་སྤྱོད་རྫོགས་པའི་སྐུ།

ཐོག་བར་མས་ལོངས་སྐུ་སྟེ། སངས་རྒྱས་ཀྱི་འོད་གསལ་ཞིང་རྒྱན་གྱིས་སྤྲས་པའི་ཆ་མཚོན།

འདི་ནི་དག་སྣང་གི་ཞིང་ཁམས་ཡིན་ཏེ། དེར་སངས་རྒྱས་ཀྱི་ཡོན་ཏན་རྣམས་འོད་གསལ་གྱི་སྐུར་འཆར་ཞིང་། རྟོགས་པ་དང་སྒོམ། བརྒྱུད་པའི་ཟབ་མོའི་ཉམས་ལེན་བརྒྱུད་ནས་མཇལ།

སྤྱན་རས་གཟིགས།ཐུགས་རྗེ།
༡ས་ཐོག

སྤྲུལ་སྐུ། — སྤྲུལ་པའི་སྐུ།

ས་ཐོག་གིས་སྤྲུལ་སྐུ་སྟེ། འགྲོ་བའི་དོན་དུ་འཇིག་རྟེན་དུ་སྣང་བའི་སངས་རྒྱས་ཀྱི་སྐུ་མཚོན།

འདི་ནི་ལུས་ཀྱིས་ནང་དུ་འཛུལ་བའི་ཐོག་སྟེ། གུ་རུ་པདྨ་འབྱུང་གནས་ཀྱི་ཕོ་བྲང་ཡིན། དེར་མཆོད་པ་འབུལ་ཞིང་། ཆོས་ཞུ་བ་དང་། ཆོས་ཀྱི་ཕྲིན་ལས་མངོན་སུམ་དུ་མཇལ་ཐུབ།

གུ་རུ་པདྨ་འབྱུང་གནས།སློབ་དཔོན་རིན་པོ་ཆེ།

ཕྱི་ལོ་༢༠༢༨ལོའི་ཟླ་༠༣ཚེས་༠༦།

སྒོ་འབྱེད།

དཀྱིལ་འཁོར་གྱི་ལྷ་ཁང་འདི་ཉིད་ཡོངས་སུ་འགྲུབ་པ་དང་རབ་གནས་མཛད་རྗེས་ཆོས་ཞུ་བ་དང་མཇལ་སྐོར་བ་རྣམས་ཀྱི་ཆེད་དུ་སྒོ་མོ་འབྱེད་རྒྱུ་ཡིན། འདི་ནི་ཨོ་རྒྱན་གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་གནས་མཆོག་འདིར་འཛམ་གླིང་ཡོངས་ཀྱི་རྙིང་མ་དང་། བདུད་འཇོམས་གཏེར་གསར། དེ་བཞིན་གཅོད་ཡུལ་བའི་དགེ་འདུན་གྱི་སྡེ་རྣམས་མཉམ་འཛོམས་ཀྱི་དགའ་སྟོན་ཆེན་པོ་ཞིག་ཡིན།

ས་གནས།རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་བདུད་འདུལ་རབ་བརྟན་གླིང་དགོན་པ། ཕེབས་ལམ་བྷུ་བྷ་ནེ་ཤྭར་བརྒྱུད་དགོས།
མཛད་སྒོའི་ནང་དོན།རབ་གནས། སྨོན་ནམ་གསུང་བ། མཛད་སྒོའི་མཆོད་འབུལ། དེ་བཞིན་མ་འོངས་པའི་མི་རབས་ཚོར་བྱིན་རླབས་གནང་རྒྱུ་བཅས་ཡིན།
ཕེབས་ལམ།ང་ཚོས་མཇལ་སྐོར་བ་རྣམས་ཀྱི་ཆེད་དུ་ས་གནས་ཀྱི་ཆོག་མཆན་ལག་ཁྱེར་དང་། ཁྱིམ་སྡོད་ཁང་། འགྲིམ་འགྲུལ་སྐྱེལ་འདྲེན། ས་གནས་ཀྱི་ལམ་སྟོན་སོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད།
ཐོ་འགོད་གནང་རྒྱུ།ཁྱེད་ཉིད་ཕེབས་འདོད་ཡོད་པ་གསུངས་ཚེ། ང་ཚོས་གཏན་འཁེལ་ཟིན་པའི་མཛད་རིམ་གྱི་གནས་ཚུལ་རྣམས་འཕྲལ་དུ་བཏང་ཆོག
ཤིང་ནགས་ཀྱི་སྟེང་དུ་ཟངས་མདོག་དཔལ་རིའི་གསེར་གྱི་རྒྱ་ཕིབས་ལ་ཉི་འོད་མཐའ་མ་ཕོག་པ།

༈ ཟངས་མདོག་དཔལ་རིའི་ཕོ་བྲང་ཆེན་མོ།

འོད་ཟེར་མཐའ་མ་གསེར་དུ་འགྱུར་བའི་གནས།

ཨོ་ཌི་ཤའི་ཕྱི་དྲོའི་ཉི་ནུབ་ཀྱི་དུས་སུ།ཟངས་མདོག་དཔལ་རི་ནི་ཕྱི་དྲོའི་ཉི་འོད་ཐ་མའི་ཀློང་དུ་ལྷམ་མེར་གསལ་ཞིང་། འདི་ནི་ཨོ་རྒྱན་གུ་རུ་རིན་པོ་ཆེའི་དག་ཞིང་ནས་འཕྲོས་པའི་འོད་ཟེར་གྱི་གཟུགས་བརྙན་ཞིག་གོ།

བདུད་འདུལ་རབ་བརྟན་གླིང་།
ཨོ་ཌི་ཤ། རྒྱ་གར།

བརྒྱུད་པའི་བླ་མ་རྣམས་ཀྱི་གསུང་འཕྲིན།

བྱིན་རླབས་ཀྱི་
ཕྱག་བྲིས་བཞི།

བདུད་འཇོམས་གཏེར་གསར་གྱི་བརྒྱུད་འཛིན་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱིས་ལས་གཞི་འདིར་རྒྱབ་སྐྱོར་གྱི་ཕྱག་བྲིས་སྩལ་ཏེ། དད་ལྡན་རྣམས་ལ་རང་རང་གི་ནུས་པ་ལྟར་མཆོད་འབུལ་གནང་དགོས་པའི་བསྐུལ་མ་གནང་ཡོད། དེ་དག་གི་གསུང་ཡོངས་རྫོགས་འདིར་འགོད་དོ།


  • སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ཡོངས་ཀྱི་དོན་དུ། འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་མཐུ་ལས་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་ཨོ་ཌི་ཤར་གནས་མཆོག་བདུད་འདུལ་རབ་བརྟན་གླིང་དགོན་པ་ཕྱག་བཏབ། ད་ལྟ་བླ་མ་བསོད་ནམས་བཀྲ་ཤིས་ནས་ལྷག་བསམ་རྣམ་དག་དང་སངས་རྒྱས་ཀྱི་བསྟན་པར་ཞབས་ཏོག་ཞུ་བའི་ཐུགས་འདུན་ཟབ་མོས་དེར་ཟངས་མདོག་དཔལ་རི་ཚད་ལྡན་ཞིག་བཞེངས་རྒྱུའི་འཆར་གཞིར་འགོ་ཁྲིད་གནང་བཞིན་ཡོད་པ་ནི། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན། དེ་བས་སྦྱིན་བདག་དང་གཏོང་ཕོད་ཅན་ཡོངས་ནས་རང་རང་གི་ནུས་པ་ཅི་ཡོད་ཀྱིས་རོགས་སྐྱོར་གནང་དགོས་པའི་བསྐུལ་མ་སྙིང་ཐག་པ་ནས་ཞུ།

    རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་སྟོན་པ་ལྷ་བབས་དུས་ཆེན་གྱི་ཉིན་བཟང་པོར། བདུད་འཇོམས་སྤྲུལ་སྐུའི་མིང་འཛིན་སངས་རྒྱས་པདྨ་བཞད་པས་བྲིས།

    ཕྱག་བྲིས་མ་ཡིག

  • གུ་རུ་རིན་པོ་ཆེའི་རྒྱལ་ཚབ་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་མཆོག་གིས་བྱིན་གྱིས་བརླབས་པའི་ཨོ་ཌི་ཤའི་གནས་མཆོག་བདུད་འདུལ་རབ་བརྟན་གླིང་དགོན་པའི་བླ་མ་བསོད་ནམས་བཀྲ་ཤིས་ནས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆེད་དུ་དེར་ཟངས་མདོག་དཔལ་རི་གསར་དུ་བཞེངས་རྒྱུའི་ལྷག་བསམ་རྣམ་དག་གི་སྨོན་འདུན་ཡོད། དེ་བས་དད་ལྡན་སྦྱིན་བདག་གཏོང་ཕོད་ཅན་ཡོངས་ནས་རང་རང་གི་ནུས་པ་ལྟར་ཞལ་འདེབས་གནང་དགོས་པའི་བསྐུལ་མ་གུས་པས་ཞུ།

    ཤིང་ལུག་ལོའི་བོད་ཟླ་བཅུ་གཅིག་པའི་ཡར་ཚེས་བཟང་པོར། ཨ་རི་ནིའུ་ཡོཀ་གི་ཡེ་ཤེས་སྙིང་པོ་ནས་གདུང་སྲས་གཤེན་ཕན་ཟླ་བ་ནོར་བུས་བྲིས།

    ཕྱག་བྲིས་མ་ཡིག

  • ཀུན་གྱིས་མཁྱེན་གསལ་ལྟར། རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤའི་བདུད་འདུལ་རབ་བརྟན་གླིང་དགོན་པ་ནི་༧སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པ་ཡིན། ད་ལྟ་ལྷག་བསམ་རྣམ་དག་ལྡན་པའི་དད་ལྡན་ཉམས་ལེན་པ་བླ་མ་བསོད་ནམས་བཀྲ་ཤིས་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པར་ཕན་ཕྱིར་དང་། ཁྱད་པར་དུ་ང་ཚོའི་བླ་མ་གོང་མས་ཕྱག་བཏབ་པའི་དགོན་པ་དམ་པ་འདི་ཉམས་གསོ་དང་ཡར་རྒྱས་གཏོང་ཆེད། ཟངས་མདོག་དཔལ་རི་གསར་དུ་བཞེངས་པའི་ལས་འགུལ་ལ་འགོ་ཁྲིད་གནང་བཞིན་ཡོད།

    བྱ་བ་དམ་པ་འདི་ལ་ངོས་ནས་སྙིང་ཐག་པའི་ཡི་རང་ཞུ་བ་དང་། བསོད་ནམས་གསོག་འདོད་ཀྱི་བློ་སྤོབས་ལྡན་པ་ཡོངས་ནས་ཐབས་ལམ་གང་ཐུབ་ཀྱིས་རོགས་སྐྱོར་གནང་དགོས་པའི་བསྐུལ་མ་སྙིང་ཐག་པ་ནས་ཞུ།

    བདུད་འཇོམས་ཀྱི་མིང་འཛིན་འབྲུག་ཡུལ་གྱི་སྒོམ་པ་དགའ་རབ་རྡོ་རྗེས་བྲིས།

    ཕྱག་བྲིས་མ་ཡིག

  • ༧སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་ཅིང་། རྒྱ་གར་ཨོ་ཌི་ཤའི་གུ་རུ་རིན་པོ་ཆེའི་གནས་ཡུལ་དམ་པར་ཡོད་པའི་བདུད་འདུལ་རབ་བརྟན་གླིང་དགོན་པར་ཟངས་མདོག་དཔལ་རི་གསར་དུ་བཞེངས་རྒྱུའི་འཆར་གཞི་འདི་ནི། ཀུན་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པའི་ཆེད་དུ་བྱ་བ་དམ་པ་ཞིག་ཡིན།

    ལས་གཞི་འདིར་འགོ་ཁྲིད་གནང་མཁན་བླ་མ་བསོད་ནམས་བཀྲ་ཤིས་ནས་སངས་རྒྱས་ཀྱི་བསྟན་པར་ཕན་ཕྱིར་མཐར་ཕྱིན་པར་བསྒྲུབ་རྒྱུའི་ཐུགས་ཁུར་མི་འགྱུར་བ་དང་ལྷག་བསམ་རྣམ་དག་ལ་སྙིང་ཐག་པ་ནས་ཡི་རང་ཞུ། དགེ་བའི་བྱ་བར་འཇུག་འདོད་ཀྱི་དད་ལྡན་ཡོངས་ནས་ཐབས་ལམ་གང་ཐུབ་ཀྱིས་རོགས་སྐྱོར་གནང་རྒྱུའི་རེ་བ་གུས་པས་ཞུ།

    — ཀ་ཐོག་སི་ཏུ་འཇམ་མགོན་ཆོས་ཀྱི་ཉིན་བྱེད།

    ཕྱག་བྲིས་མ་ཡིག

རྒྱུན་དུ་འདྲི་བའི་དྲི་བ།

ཁྱེད་ཀྱིས་ཞལ་འདེབས་མ་གནང་གོང་། ཡང་ན་འགྲུལ་བཞུད་མ་བྱས་པའི་སྔོན།

གལ་ཏེ་ཁྱེད་ཀྱི་དྲི་བ་འདི་གར་མེད་ཚེ། ང་ཚོར་ཝ་ཚེབས་ (WhatsApp) བརྒྱུད་ནས་འཕྲིན་ཡིག་གཏོང་བའམ། ཡང་ན་གཤམ་གྱི་འགེང་ཤོག་འདི་སྤྱད་དེ་འབྲེལ་བ་གནང་རོགས། ང་ཚོས་དྲི་བ་མཐའ་དག་ལ་ལན་འདེབས་ཞུས་ཆོག

ཟངས་མདོག་དཔལ་རི་ནི་གུ་རུ་རིན་པོ་ཆེའི་དག་ཞིང་དངོས་ཡིན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་དུ་ལྷ་ཁང་བཞེངས་བསྐྲུན་སྐོར་སྔ་འགྱུར་རྙིང་མའི་གཏེར་ཆོས་ཡིག་ཆ་ཁག་གི་ནང་ལུང་བསྟན་གསལ་ཡོད། ལྷ་ཁང་འདི་ནི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་དག་སྣང་ཟབ་མོའི་དགོངས་བཞེད་བསྒྲུབ་པའི་ཕྱིར་དུ། རྒྱ་གར་ཨོ་ཌི་ཤའི་བདུད་འདུལ་རབ་བརྟན་གླིང་དགོན་པར་བཞེངས་བཞིན་ཡོད། ཞིབ་ཏུ་གཟིགས། ཟངས་མདོག་དཔལ་རི་དོན་དངོས་ག་རེ་རེད།
རྨང་གཞི་དང་ཕྱིའི་བཟོ་བཀོད་ཆ་ཚང་ལེགས་གྲུབ་བྱུང་ཡོད་ལ། དེའི་ནང་ཕྱི་ལོ་ ༢༠༢༣ ཟླ་ ༦ པར་བཙུགས་པའི་ལོངས་སྐུའི་གནམ་པང་ཡང་ཚུད་ཡོད། འདི་ནི་ལས་གཞིའི་བརྒྱ་ཆ་ ༨༠ ལྷག་ཡིན། ད་དུང་ལྷག་ཡོད་པ་ནི་རྩ་ཆེའི་བཟོ་རིག་དང་ནང་ལོགས་ཀྱི་ལས་ཀ་སྟེ། ལྷ་ཁང་ཕྱི་ལོགས་ལ་ཚོན་རྩི་གཏོང་བ་དང་། ལྡེབས་རིས་འབྲི་བ། གློག་འཕྲུལ་སྒྲིག་འཛུགས། མཆོད་ཆས། ལྡུམ་རྭའི་ས་བཀོད་བཅས་ཡིན།
ལས་གཞི་འདིར་ཨ་རིར་དེབ་སྐྱེལ་བྱས་ཡོད་པའི་རྡོ་རྗེ་པདྨ་ཚོགས་པ་ནས་རོགས་སྐྱོར་གནང་གི་ཡོད་ལ་དེ་ནི་ཁེ་མེད་ཀྱི་ཚོགས་པ་ཞིག་ཡིན། (Vajra Lotus Foundation, U.S. 501(c)(3)) ཁྲལ་འབབ་ཆག་ཡང་ཨང་གྲངས་ནི་ ༣༦-༥༡༤༣༠༥༥ ཡིན། ཁྲིམས་ལུགས་ཀྱི་ཆོག་མཆན་ཐོབ་པའི་ཚད་གཞི་ལྟར་ན་ཞལ་འདེབས་རྣམས་ཁྲལ་འབབ་ཆག་ཡང་གི་ཁོངས་སུ་གཏོགས་ཆོག གལ་ཏེ་ཁྱེད་རང་ཉིད་ལ་དམིགས་བསལ་གནས་བབ་ལམ་སྟོན་དགོས་ཚེ། ཁྲལ་དོན་ཁྲིམས་ལུགས་སློབ་སྟོན་པ་ཞིག་ལ་བཀའ་འདྲི་གནང་རོགས།
རིམ་པ་མཐའ་མའི་ལས་འགུལ་བརྒྱུད་ནས་ཕུལ་བའི་མཆོད་འབུལ་རྣམས་ལྷག་ལུས་བཟོ་བསྐྲུན་གྱི་ལས་ཀ་སྟེ། ཕྱི་ལོགས་ཀྱི་ཚོན་རྩི་དང་། རྩ་ཆེའི་ལྡེབས་རིས། ནང་ལོགས་ཀྱི་མཐའ་མའི་ལས་ཀ ལྡུམ་རྭ་བཅས་ལ་བེད་སྤྱོད་གཏོང་གི་ཡོད། ལས་ཀའི་འཕེལ་རིམ་དགོན་པའི་ Facebook ངོས་དང་ལས་གཞིའི་པར་མཛོདནང་རྒྱུན་དུ་འགོད་བཞིན་ཡོད་པས། ཁྱེད་ཀྱིས་ཞལ་འདེབས་གནང་བའི་ལས་ཀ་དངོས་སུ་གཟིགས་ཐུབ།
དགོན་པར་གནས་སྐོར་ཕེབས་མཁན་ལ་སྣེ་ལེན་ཞུ་བཞིན་ཡོད་ནའང་། ལྷ་ཁང་ད་ལྟ་བཟོ་བསྐྲུན་བྱེད་མུས་ཡིན་པས་ནང་དུ་འཛུལ་བར་བཀག་ཡོད། གལ་ཏེ་ཁྱེད་ཉིད་གནས་སྐོར་དུ་ཕེབས་འཆར་ཡོད་ཚེ། ཐོག་མར་ང་ཚོར་ཡི་གེ་བཏང་ཚེ་དགོན་པ་ནས་དུས་ཚོད་དང་བཞུགས་གནས་སྐོར་ལ་ལམ་སྟོན་གནང་ཐུབ།
གནམ་ཐང་ཐག་ཉེ་ཤོས་ནི་བྷུ་བྷ་ནེ་ཤྭར་ (Bhubaneswar) ཡིན་ཞིང་། དེ་ནས་དགོན་པར་རླངས་འཁོར་བསྡད་ནས་བསྐྱོད་དགོས། ཕྱི་རྒྱལ་གྱི་སྐུ་མགྲོན་ཡོངས་ལ་རྒྱ་གར་གྱི་ཐོངས་མཆན་དགོས་པ་དང་། ས་གནས་འགའ་ཤས་ལ་སྲུང་སྐྱོབ་ས་ཁུལ་ཆོག་མཆན (PAP) ཀྱང་དགོས་ལ་དེ་བཟོ་བར་དུས་ཚོད་འགོར་ངེས། ངེད་ཚོས་ཆོག་མཆན་དང་། སྡོད་གནས། འགྲིམ་འགྲུལ། ས་གནས་ལམ་སྟོན་བཅས་ཀྱི་སྐོར་ལ་གྲ་སྒྲིག་བྱེད་བཞིན་ཡོད། གཤམ་དུ་ཐོ་འགོད་གནང་ཚེ་གནས་ཚུལ་གཏན་འཁེལ་བྱུང་བ་དག་ཁྱེད་ལ་གཏོང་ངེས་ཡིན།
བླ་མ་བསོད་ནམས་བཀྲ་ཤིས་རིན་པོ་ཆེ་མཆོག་གིས་ཐུགས་འགན་གནང་གི་ཡོད་ལ་ཁོང་ནི་བདུད་འདུལ་རབ་བརྟན་གླིང་དགོན་པའི་ད་ལྟའི་དབུ་འཛིན་ཡིན། དགོན་པ་འདི་ནི་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་བཏབ། ལས་གཞི་འདིར་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་གཤེན་ཕན་ཟླ་བ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་གདུང་སྲས་དགའ་རབ་རྡོ་རྗེ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ཀ་ཐོག་སི་ཏུ་རིན་པོ་ཆེ་མཆོག་བཅས་ཀྱི་རྒྱབ་སྐྱོར་ཕྱག་བྲིས་ཡོད།
ཆོག་དང་ཆོག ཞལ་འདོན་སྐྱོར་བ་དང་། ཆོས་ཉམས་སུ་ལེན་པ། སྨོན་ལམ་རྒྱག་པ་བཅས་ནི་མཆོད་པའི་ནང་གི་མཆོག་ཡིན་པས་དགོན་པའི་ངོས་ནས་དགའ་བསུ་ཞུ། ལས་གཞི་འདིའི་སྐོར་རང་ཉིད་ཀྱི་དགོན་སྡེ་ལ་ལབ་པ་ཡིན་ན་བསམ་ཡུལ་ལས་འདས་པའི་ཕན་ཐོགས་ཆེན་པོ་ཡོད། གང་ཡིན་ཞེ་ན། ཞལ་འདེབས་དང་མཆོད་འབུལ་གནང་མཁན་ཕལ་ཆེ་བས་རང་ཉིད་ཀྱིས་ཡིད་ཆེས་བློས་འགེལ་བྱེད་ས་ཞིག་ནས་ཐོས་རྗེས་ཞལ་འདེབས་དང་མཆོད་འབུལ་གནང་གི་ཡོད།

འབྲེལ་གཏུགས།

ངེད་ཚོ་ཁྱེད་དང་མཇལ་བར་དགའ་སྤྲོ་ཆེན་པོ་ཡོད།

དྲི་བ་དང་། མཆོད་འབུལ། མཇལ་སྐོར་གྱི་འཆར་གཞི། ཡང་ན་ལྷ་ཁང་དུ་བསྔོ་སྨོན་འབུལ་བ་སོགས།